Dissertation/Thesis Abstract

“Mountains Are Commons, Grasses Are Divided”: Indigenous Environmental Governance Between Conservation and Democracy
by Gurung, Phurwa D., M.A., University of Colorado at Boulder, 2020, 133; 28002818
Abstract (Summary)

དཔྱད་རྩོམ་འདིར་ཆབ་སྲིད་སྐྱེས་ཁམས་རིག་པའི་ཐབས་ལམ་བརྒྱུད་ནས་དོལ་པོ་པའི་འགྲོ་ལུགས་འདུག་སྲོལ་དང་ཡུལ་ལུང་ཁྲིམས་སྲོལ་གྱིས་མཚོན་པའི་རི་ལུང་ཡུལ་གསུམ་ལ་བདག་དོམ་བྱེད་ལུགས་ནུབ་ལུགས་ཁོར་སྲུང་གི་སྒྲོམ་གཞི་དང་འཕྲད་འཐབ་འདྲེས་གསུམ་བྱེད་སྐབས་སུ་བྱུང་བའི་གནད་དོན་ལ་དོགས་དཔྱོད་བྱས་ཡོད། ཐོན་ཁུངས་གཞིར་བཅོལ་གྱི་སྐྱ་ཐིག་ལ་བརྟེན་ནས་ཐོག་མར་རྒྱལ་གཞུང་གི་དབང་འཛིན་དོལ་པོ་རུ་མངོན་སྟངས་དང་དེའི་དབང་ཤུགས་ཇེ་ཆེ་རུ་འཕེལ་སྟངས་ཤེལ་ཕུགས་གསུམ་མདོའི་སྤྱི་གླིང་གིས་མདོ་རྟ་རབ་ཀྱི་དབྱར་རྩྭ་དགུན་འབུའི་འགྲན་རྩོད་རང་བཞིན་གྱི་བདག་དོམ་ལ་ཐོན་པའི་ཤུགས་རྐྱེན་བརྒྱུད་ནས་བགྲོ་གླེང་བྱས་ཡོད། དེ་ནས་འབྲེལ་ལམ་གཞིར་བཅོལ་གྱི་སྐྱ་ཐིག་ལ་བརྟེན་ནས་ས་གནས་རང་གི་འགྲེལ་ལུགས་མཚོན་ཐབས་སུ་གསལ་བའི་དོལ་པོ་པའི་འཇིག་རྟེན་འཇུག་སྲོལ་དང་བདག་དབང་འཛིན་ལུགས་ལ་དབྱེ་ཞིབ་བྱས་ཏེ་མི་དང་མི་མ་ཡིན་པའི་སེམས་ཅན་གྱི་ཐོབ་དབང་དང་དེ་གཉིས་བར་གྱི་འབྲེལ་ལམ་སྐྱོང་ཐབས་ལ་ཞིབ་འཇུག་བྱས་ཡོད། ཟླ་ངོ་གསུམ་རིང་གི་ཡུལ་དངོས་རྟོག་དཔྱོད་དང་རྩོམ་པ་པོའི་འདས་བའི་ལོ་ངོ་བཅུའི་རིང་གི་དོལ་པོའི་ཡུལ་སྡེ་དང་འདྲེས་པའི་འཚོ་བའི་མཉམ་ཞུགས་ལ་བརྟེན་ནས་དཔྱད་རྩོམ་འདི་ཡིས་ཚུར་འགེལ་རང་བཞིན་གྱི་ནུབ་ལུགས་ཁོར་སྲུང་ངམ་ཐོན་ཁུངས་གཉེར་སྲུང་གིས་དོལ་པོའི་ཡུལ་སྡེ་ཁག་ཏུ་ཐོན་པའི་མངོན་གསལ་གྱི་མཇུག་འབྲས་ཤིག་ནི་བསྔོགས་ལེན་པའི་བསྡུས་གཟུགས་ཤིག་སྟེ་དབྱར་རྩྭ་དགུན་འབུས་མཚོན་པའི་ཐོན་ཁུངས་བསྡུ་གསོག་བྱེད་མཁན་གྱི་དབང་འཛིན་ལས་ཁུངས་ཤིག་ཏུ་མངོན་པར་མ་ཟད། ཁོར་སྲུང་ཐོན་སྲུང་ནི་བྱུང་དང་འབྱུང་བཞིན་པའི་དོལ་པོ་པའི་འཇིག་རྟེན་འཇུག་སྲོལ་དང་བདག་དབང་འཛིན་ལུགས་ཀྱི་བདག་དབང་འཕྲོག་ལེན་བྱེད་ཐབས་ཀྱི་སྒྲོམ་གཞི་ཞིག་རེད། དུས་མཚུངས་སུ། ཁོར་སྲུང་ཐོན་སྲུང་ལ་ལྟོས་ཏེ་དཔྱད་རྩོམ་འདི་ཡིས་དོལ་པོ་པའི་འཇིག་རྟེན་འཇུག་སྲོལ་དང་བདག་དབང་འཛིན་ལུགས་ཀྱི་གསོན་སྟོབས་དང་ཕན་ནུས་མངོན་གསལ་གྱིས་བསྟན་ཡོད།

Indexing (document details)
Advisor: Yeh, Emily T.
Commitee: Bryan, Joe, Goldman, Mara, Carroll, Clint
School: University of Colorado at Boulder
Department: Geography
School Location: United States -- Colorado
Source: MAI 82/3(E), Masters Abstracts International
Source Type: DISSERTATION
Subjects: Geography, Wildlife Conservation, Cultural anthropology
Keywords: Caterpillar fungus, Conservation, Dolpo, Nepal, Ontology, Political ecology
Publication Number: 28002818
ISBN: 9798672127286
Copyright © 2020 ProQuest LLC. All rights reserved. Terms and Conditions Privacy Policy Cookie Policy
ProQuest